King's Speech,Transcription and understanding in Dzongkha མི་དབང་འབྲུག་རྒྱལ་ལྔ་པ་མཆོག་གི་འབྲུག་རྒྱལ་ཁབ་ཀྱི་དམག་མི་ཚུ་ལུ་བཀའ་དྲིན་དགའ་ཚོར།


མི་དབང་འབྲུག་རྒྱལ་ལྔ་པ་མཆོག་གི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་དུས་ཧེ་མ་ལས་རང་སྒྲ་ག་གསུམ་གི་དམག་མི་ཚུ་གི་དམག་འཐབ་སྟེ་རྒྱལ་ཁ་འཐོབ་སྦེ་རྒྱལ་ཁབ་སྲུང་སྐྱོབ་འབད་དེ་ཡོད་ཟེར་གསུང་གནང་ཡི།དུས་ད་ལྟོ་རྒྱལ་ཁབ་ནང་གི་མི་སེར་ཚུ་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་སྡོད་ཚུགས་མི་དེ་ཡང་རྒྱལ་བ་སྒོངམ་གི་མཐུག་མེན་དང་ཕམ་ཚུ་གི་བཀའ་དྲིན་ལས་ཨིན།ད་རེས་ནངས་པ་རྒྱལ་ཁབ་གོང་འཕེལ་འགྱོཝ་ལས་བཏེན་ཨམ་སྲུ་མང་རབས་ཅིགབསྟན་སྲུང་དམག་མི་དང་ཁྲིམ་སྲུང་དམག་མི་ནང་འཛུལ་སྟེ་རྒྱལ་ཁབ་ལུ་ཕྱག་བཞུགས་སྟེ་ཡོདཔ་ཨིན།དེ་མ་ཚད་དགོངསམ་ཞུ་སྟེ་འགྱོ་མི་དམག་མི་ཚུ་ཡང་ནད་གཞི་ཀོ་བིད་༡༩་གི་སྐབས་ལུ་ཁས་བླངས་ཀྱི་ཐོག་ལས་ས་མཚམས་ཚུ་ལས་ཕར་ནད་གཞི་བཀག་ནི་དོན་ལུ་ཕྱག་ཞུ་སྟེ་ཡོདཔ་ཨིན།དེ་མ་ཚད་མི་དབང་མཆོག་གི་རྫོང་ཁག་༢༠་ནང་ལས་ཕར་ལ་དང་ལུངས་ནགས་ཚལ་ཚུ་ལས་ཕར་ཆུ་བརྒྱལ་ཏེ་ཕྱག་ཞུ་སྟེ་ཡོད་མི་དམག་མི་ཚུ་ལུ་བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།

དམག་མི་ཚུ་རྒྱལ་ཁབ་ནང་འབྱུང་བ་བཞི་གི་དཀའ་ངལ་ག་ཅི་བཟུམ་འཐོན་རུང་རང་གི་སྲོག་ལུ་ཡང་མ་ཕངས་བར་མི་ཚུ་གི་ཐ་དོན་ལུ་ཕྱག་བཞུགསཔ་ཨིན།དེ་མ་ཚད་རྒྱལ་ཁབ་ནང་དཀའ་ངལ་ག་ཅིག་བཟུམ་རང་འཐོན་རུང་རྒྱབ་ཤུགས་མ་རྐྱབ་པར་དཀའ་ངལ་འདི་གསལ་ནི་དོན་ལུ་ཐབས་ཤེས་ཚུ་འཚོལཝ་ཨིན།དུས་ད་ལྟོ་ནད་གཡོམ་གྱི་སྐབས་ལུ་ཡང་ན་གཞོན་བདེ་སྲུང་སྟོང་ཕྲག་བཅོ་བརྒྱད་ལྷགཔ་ཅིག་ལུ་སྒྲ་ག་གསུམ་གྱི་དམག་མི་ཚུ་གི་འགོ་དྲོན་གི་ཐོག་ལས་སྦྱོང་བརྡར་ཚུ་ཡང་གནང་ཡོདཔ་ཨིན།


མི་དབང་མཆོག་གི་གསུང་མི་ནང་རྒྱལ་ཁབ་འདི་སྲུང་སྐྱོབ་འབད་དགོ་པ་ཅིན་གཅིག་རུབ་ཀྱི་ཐོག་ལས་འབད་བ་ཅིན་དཀའ་ངལ་ག་ཅི་བཟུམ་ཡོད་རུང་གསལ་ཚུགས་ཟེར་ཨིན་པས།དེ་ལུ་མི་དབང་མཆོག་གི་དཔྱེ་ག་དེ་འབད་གསུང་ནུ་ཟེར་བ་ཅིན་ཆུ་ཅིག་བརྒལ་ནི་དོན་ལུ་གྲུ་སྐྱ་དགོཔ་ཨིན་དེ་འབད་བའི་སྐབས་རང་ནང་འཁོད་ར་མ་ཆམ་གཅིག་གི་སླབ་མི་ཅིག་གི་མ་ཉན་དེ་ལས་ཁ་ལས་སླབ་མི་དེ་འགྱོ་མ་བཏུབ་པ་ཅིན་གྲུ་ག་དེ་ཅིག་ལས་རུང་རོང་ཆུ་ཅིག་ཡང་བརྒལ་མི་ཚུག་ཟེར་ཨིན་པས།དེ་འབདཝ་ལས་བཏན་སྒྲ་ག་གསུམ་གྱི་དམག་མི་ཚུ་གི་ལགཔ་ཅིག་ཁར་མཐུན་འགན་འབག་བ་ཅིན་འབད་མ་ཚུགས་པའི་ལཱ་ག་ནི་ཡང་མེད་ཟེར་གསུང་ནུག།

རྒྱལ་ཁབ་སྲུང་སྐྱོབ་འབད་དགོ་པའི་སྐོར་ལས།

འབྲུག་རྒྱལ་ཁབ་འདི་རང་དབང་རང་བཙན་སྦེ་སྡོད་ནི་དོན་ལུ་ས་ཁོང་མང་རབས་ཅིག་སྲུང་སྐྱོབ་འབད་དགོཔ་ཨིན།དེ་ཚུ་ལ ཁྲིམས་གི་ཐོག་ལས་རྒྱལ་ཁབ་སྲུང་སྐྱོབ་འབད་དགོཔ་ཨིན།དེ་ཡང་རྒྱལ་ཁབ་ནང་ཁྲིམས་ལས་རྒྱལ་བའི་ལཱ་གཞུང་གི་ཏི་རུ་ཚུ་བཟའ་ནིརྩ་བ་གསུམ་ལུ་གུ་བསྐོར་རྐྱབ་མི་ཚུ་ལུ་དེ་དང་འཁྲིལ་བའི་ཁྲིམས་གཏང་དགོཔ་ཨིན།དམག་མི་ཚུ་གི་མི་སེར་ཚུ་གི་ལཱ་དང་བྱ་བ་ག་དེ་སྦེ་འབདཝ་ཨིན་ན་བལྟ་ཞིནམ་ལས་ཁྲིམས་སྲུང་སྐྱོབ་འབད་དགོཔ་ཨིན།དངུལ་གི་སྲུང་སྐྱོབ་ཡང་འབྲུག་གི་མི་སེར་ཚུ་གི་འབད་དགོཔ་ཨིན།དེ་ཡང་ང་བཅས་རང་རྒྱལ་ཁབ་ནང་དངུལ་གི་དཀའ་ངལ་མ་འཐོན་ནི་དོན་ལུ་རྒྱལ་ཁབ་གྱི་ཐོན་དངོས་ཚུ་ཕྱི་རྒྱལ་ལུ་ཚོང་འཐབ་པ་ཅིན་དངུལ་བཟོ་ཚུགསཔ་ཨིན།དེ་འབདཝ་ལས་ཕྱི་ལས་འཐོབ་པའི་དངུལ་འདི་གློ་བུར་ཀྱི་སྐབས་ལག་ལེན་འབད་བ་ཅིན་དངུལ་གི་དཀའ་ངལ་གསལ་ཚུགས།

དེ་མ་ཚད་མི་དབང་མཆོག་གི་དཔལ་སྒྱོར་གྱི་སྲུང་སྐྱོབ་འབད་དགོ་ཟེར་གསུངམ་མ་ཚད་དཔལ་སྒྱོར་གི་དཀའ་ངལ་གསལ་ནིའི་ཐབས་ལམ་ཚུ་ཡང་བརྩམ་དགོ་ཟེར་གསུང་གནང་ཡི་།ད་ལྟོ་རྒྱལ་ཁབ་ཀྱི་དཔལ་སྒྱོར་འདི་གཙོ་རང་རྒྱལ་ཁབ་ནང་ཡོད་མི་ཆུར་བརྟེན་གློག་མེ་༼ཆུ་ཁ་གློག་མེ་ལས་འཛིན་དར་ལ་གློག་མེ་ལས་འཛིན་དང་ཀུ་རི་ཆུ་གློག་མེ་ལས་འཛིན་༽ཚུ་དང་བལྟ་སྐོར་ནང་འོངང་མི་ཕྱི་ལིཔ་ཚུ་གི་ཐོག་ལས་རྒྱལ་ཁབ་ཀྱི་དཔལ་སྒྱོར་འདི་དྲིང་དྲི་འབད་བཞག་ཚུགས་ཨིན།

རྒྱལ་ཁབ་ནང་བཟའ་འཐུང་མ་ལངས་པའི་དཀའ་ངལ་དང་རྒྱལ་ཁབ་ནང་ཅ་ལ་ཚུ་ག་ནི་ཡང་བཏོན་མ་ཚུགས་པའིི་སྐབས་ལུ་བཟའ་འཐུང་གི་སྲུང་སྐྱོབ་ལུ་གནདཔ་ཨིིན།དེ་གི་དཀའ་ངལ་འདི་ག་དེ་འབད་གསལ་ཚུགས་ཟེར་བ་ཅིན་ང་བཅས་རང་རྫོང་ཁག་༢༠་ནང་ལས་ཕར་སོ་ནམ་གྱི་ལཱ་ཚུ་འབད་དེ་ཐོན་སྐྱེད་ལེགས་ནོམ་འཐོན་ཏེ་རང་གི་རང་ལངམ་འབད་ཕྱི་རྒྱལ་ཁབ་ལུ་བཏོན་མ་དགོ་པར་སྡོད་ཚུགས་པ་ཅིན་རྒྱལ་ཁབ་གི་སྲུང་སྐྱོབ་འབད་ཚུགསཔ་ཨིན།དེ་ལས་རྒྱལ་ཁབ་གི་སྣུམ་འཁོར་ལམ་དང་ཟམ་ཚུ་ཡང་ལེགས་ཤོམ་མ་བཟོ་བ་ཅིན་མེདཔ་ཐལ་བ་ཅིན་དེ་གི་ཡང་རྒྱལ་ཁབ་གི་སྲུང་སཀྱོབ་ལུ་གནོདཔ་ཨིན།མཚོན་ཆ་ཆུ་ལུ་བློ་གཏད་བ་ཅིན་རྒྱལ་ཁབ་ནང་མེདཔ་ཨིན་མི་གི་གྱང་ལས་འབད་བ་ཅིན་བུམ་བདུན་ལས་མེདཔ་ཨིན།དེ་འབདཝ་ལས་འབྲུག་རྒྱལ་ཁབ་འདི་སྐོབས་ཚུད་ཕའི་རྒྱལ་ཁབ་ཅིག་འབད་ཞིནམ་ལས་རང་གི་རྒྱལ་ཁབ་ཀྱི་སྲུང་སྐྱོབས་འབད་དགོཔ་ཨིན།

རྒྱལ་སྲུང་འགོ་བཙུགས་ནི་འཆར་གཞི།

རྒྱལ་ཁབ་ཀྱི་སྲུང་སྐྱོབས་ཟེར་བའི་སྐབས་གཙོ་བོ་རང་འབྲུག་རྒྱལ་ཁབ་ཀྱི་ན་གཞོན་དྲིང་དྲི་བཟོ་ནི་འདི་ཨིནམ་ལས་བཏན་མི་དབང་མཆོག་གི་རྒྱལ་ཡོངས་བདེ་ཆན་༡༡༢་པའི་སྐབས་རྒྱལ་སྲུང་གཞི་བཙུགས་གནང་ནི་ཟེར་གསུང་ཡི།རྒྱལ་སྲུང་འདི་ནང་ན་གཞོན་ཚུ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་དོན་ལུ་དམག་མི་ཚུ་བཟུམ་སྦེ་སྦྱོང་བརྡར་་འབད་དགོཔ་ཨིན།དེ་འབད་དགོ་མི་གམད་དོན་དེ་ཡང་ཤུལ་ལས་ཉན་ཁ་ག་ཅི་བཟུམ་རང་འཐོན་རུང་དཀའ་ངལ་མེད་པར་རྒྱལ་ཁབ་ལུ་སྲུང་སྐྱོབས་འབད་ཚུགས་ནི་དོན་ལུ་ཨི།དེ་ནང་ཡང་ན་གཞོན་ཚུ་ལུ་སྦྱོང་བརྡར་འབྱིན་ནི་འགན་ཁུ་དེ་སྒྲ་ག་གསུམ་གི་དམག་མི་ལུ་ཕོགས་སྟེ་ཡོདཔ་ཨིན།

 

 

 

No comments:

SPORTS AND PHYSICAL ACTIVITIES BRING ABOUT WHOLESOME DEVELOPMENT IN THE LIFE OF CHILDREN AND YOUTH

    Sports pertains to any form of competitive physical activities or games which aims to use, maintain and improves one’s physical abilit...